ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༣/༢༠

ཆབ་སྲིད་ཀྱི་བཙོན་པ་གཉིས་གློད་བཀྲོལ།


རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྔ་བ་ས་ཁུལ་གྱི་བོད་མི་བསྡེབས་བཟུང་བྱས་པའི་ཁྲོད་ཀྱི་ཇོ་ལེབ་འཇོགས་མེད་ལགས།གནས་ཚུལ་ཕྱི་བསྒྲགས་བྱེད་མཁན་རེད་ཅེས་ཉེས་འཛུགས་བྱས་ཏེ་ལོ་བདུན་གྱི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་མྱོང་ཡང་།ཉེ་ཆར་བཙོན་འཇུག་གི་དུས་ཡུན་ཡོངས་སུ་རྫོགས་ཏེ་གློད་བཀྲོལ་བཏང་འདུག གཞན་ཡང་སྤྱི་ལོ་༢༠༡༢ལོར་ཁམས་རྫ་ཆུ་ཁ་རུ་རྒྱ་ནག་གི་སྐར་ལྔའི་དར་དམར་མར་ཕབ་པ་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་མཁན་པའི་དོགས་གཞིའི་འོག་བསྡེབས་བཟུང་བྱས་པའི་ཁྲོད་ཀྱི་དགེ་འདུན་པ་བསོད་ནམས་མགོན་པོ་ལགས་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལས་ད་ལྟ་གློད་བཀྲོལ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG