ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས།


འབྱུང་འགྱུར་སྤྱི་ཟླ་༥་ནང་ འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་དེ་ ཉེ་ཧོང་ལ་འཚོག་འཆར་ཡོད་པར་བརྟེན་ སྐབས་དེར་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞིའི་ཐད་ གླེང་མོལ་བྱེད་རྒྱུ་མེད་ལུགས་རྒྱ་ནག་གཞུང་གིས་ཉེ་ཧོང་ལ་ཉེན་བརྡ་བཏང་ཡོད་ཀྱང་། ཉེ་ཧོང་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ རྩོད་གཞི་ཡོད་པའི་གླེང་ཕྲན་དེ་དག་གི་ཐོག རྒྱ་ནག་གིས་འཛུགས་བསྐྲུན་གསར་རྒྱག་བྱས་པ་སོགས་ཀྱིས་གླེང་ཕྲན་དེ་དག་དྲག་པོའི་རྟེན་གཞིར་འགྱུར་གྱི་ཡོད་པ་ནི་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཟོད་བསྲན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་ལན་འདེབས་བྱས་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG