ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་དམག་གི་སྟོབས་ཤུགས།


ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཨ་རིའི་གྲོས་ཚོགས་ལ་བཅར་ཏེ། ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་དམག་དོན་ཚོགས་ཆུང་ལ་ལས་དོན་ཁག་ཅིག་སྙན་གསེང་ཞུས་པ་དང་། དམག་སྤྱི་མར་ཁེ་མི་ལེ་ཡིས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོར་ཞུས་དོན། འདས་པའི་ལོ་མང་རིང་ཨ་མི་རི་ཀའི་དམག་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་ནས་དཀྱིལ་ཤར་ས་ཁུལ་ལ་མགོ་འཁོར་ཏེ། ང་ཚོས་དམག་འཁྲུག་ཆེན་པོ་ཞིག་ལ་དམིགས་པ་གཏོད་ཐུབ་མེད་ཅིང་། དཔེར་ན་ཨ་མི་རི་ཀའི་དམག་གིས་རྒྱ་ནག་དང་ཨུ་རུ་སུ། ཨི་རན་དང་བྱང་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་ཁག་ལ་དམག་འཁྲུག་རྒྱ་ཆེན་པོ་དང་ཚད་མཐོན་པོ་ཞིག་རྒྱག་དགོས་ཐུག་ཚེ། ཨ་མི་རི་ཀའི་དམག་ལ་དགོས་ངེས་ཀྱི་ཉམས་མྱོང་དང་སྦྱོང་བརྡར། དམག་འཁྲུག་གི་མཐུན་རྐྱེན་སོགས་འཛོམས་པོ་ཡོད་མེད་བློ་འཚབ་བྱ་དགོས་པ་ཞིག་ལ་གྱུར་ཡོད། འཛམ་གླིང་གི་ས་ཕྱོགས་གཞན་ཞིག་གི་དམག་འཁྲུག་ལ་ཨ་མི་རི་ཀའི་དམག་དངོས་སུ་ཞུགས་པའམ། ཡང་ན་ཨ་མི་རི་ཀས་དམག་འཁྲུག་དེར་བར་འགོག་བྱ་དགོས་ཐུག་ན་ཨ་མི་རི་ཀས་དུས་ཐོག་ཏུ་དམག་འཁྲུག་གི་ཛ་དྲག་ལ་གདོང་ལེན་བྱ་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན་ཞེས་བཤད་འདུག

XS
SM
MD
LG