ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨང་སན་སུ་ཅིའི་བློས་ཐུབ་པ་ཞིག་འབར་མའི་སྲིད་འཛིན་ལ་བསྐོ་བཞག


འབར་མ་རྒྱལ་ཁབ་ལ་དམག་གིས་དབང་སྒྱུར་བྱས་ནས་ལོ་༥༤་ཙམ་སོང་བའི་རྗེས་སུ་དམངས་གཙོའི་འོས་འདེམས་བྱུང་སྟེ། དེ་རིང་ཕྱི་ཟླ་༣་ཚེས་༡༥་ཉིན་འབར་མའི་གྲོས་ཚོགས་ཀྱིས་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱས་ཡོད་པ་དང་། ལོ་ན་༧༠་ཐམ་པར་སོན་པའི་སྲིད་འཛིན་ཐིན་ཁོ་ལ་འབར་མའི་གཞུང་འཛིན་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཅིས་རྒྱབ་སྐྱོར་བྱས་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཞིག་ཡིན་ཞིང་། འབར་མའི་གྲོས་ཚོགས་གོང་འོག་གཉིས་ལ་སྲིད་འཛིན་གསར་པ་འདེམས་ཐོན་བྱུང་བའི་གྲུབ་འབྲས་གསལ་བསྒྲགས་བྱས་ཏེ། སྐུ་ཞབས་ཐིན་ཁོ་ལ་གྲོས་ཚོགས་འཐུས་མི་ཚོས་ཐལ་མོ་བརྡབས་ནས་འབྲུག་སྒྲ་སྒྲོགས་པ་ལྟར་གྱི་དགའ་བསུ་ཞུས་པ་དང་། སྲིད་འཛིན་ཐིན་ཁོས་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཅི་སློབ་ཆུང་སྐབས་ནས་ངོ་ཤེས་ཏེ། ཁོང་ལོ་རབས་༩༠་བ་ནས་འབར་མའི་ཆབ་སྲིད་ལ་ཞུགས་པ་དང་། སྐབས་ཤིག་སྲིད་འཛིན་ཐིན་ཁོ་ཨན་སན་སུ་ཅིའི་ཕྱི་སྲིད་སློབ་སྟོན་པ་དང་བློས་ཐུབ་ཀྱི་གྲོགས་པོ་ཞིག་ལ་གྱུར་ཡོད་ཅིང་། ཕྱི་ཟླ་༤་ཚེས་༡་ནས་འབར་མའི་སྲིད་འཛིན་གསར་པས་ལས་ཁུར་བཞེས་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG