ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་རིགས་སྐྱབས་བཅོལ་བ་རྣམས་ཐའི་ལེན་ཊི་ནས་རྒྱ་ནག་ལ་ཕྱིར་འབུད་བྱས་ཡོང་བསམ་པའི་བློ་འཚབ།


རྒྱ་རིགས་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་ནག་ནས་རྒྱལ་ཁབ་གསུམ་པ་ཞིག་ལ་མ་བསྐྱོད་གོང་དུ་ཐའི་ལེན་ཊིའི་ཡུལ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་ འོན་ཀྱང་ ཐའི་ལེན་ཊིའི་གཞུང་གིས་ ཉེ་དུས་ཉུང་མཐར་རྒྱ་རིགས་ཆབ་སྲིད་སྐྱབས་བཅོལ་བ་གསུམ་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་མ་ཟད་ རྒྱ་རིགས་སྐྱབས་བཅོལ་བ་འགའ་ཤས་ན་ནིང་ལོ་ནས་བཟུང་ཡུལ་དེའི་ནང་གར་སོང་ཆ་མེད་དུ་གྱུར་ཡོད་ལུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ལྷན་ཁང་གིས་འགྲེལ་བརྗོད་གནང་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG