སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་འདི་ནི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཉིན་མོ་ཞིག་ཡིན་པར་བརྟེན། བཀའ་སྤྱི་གཉིས་ཀྱིས་གསུམ་བཅུའི་ཉིན་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་མཁན་ཚོར་བཀའ་དྲིན་རྗེས་དྲན་དང་སྦྲགས། ལོ་ལྟར་བོད་མིའི་སྒེར་ལངས་ཉིན་མོར་དཔའ་བོ་དཔའ་མོའི་ཉིན་མོ་ཡང་ཆབས་ཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྤེལ་འདུག