ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་རང་དབང་འཐབ་རྩོད་དོན་དུ་ཉེ་ཆར་རང་ལུས་མེར་སྲེག་གཏོང་གནང་མཁན་སློབ་བུ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དྷ་རམ་ས་ལར་ཞུགས་འབུལ་ཞུས་ཡོད་ཅིང་། སྐུ་ཕུང་ཞུགས་འབུལ་སྐབས་སུ་སློབ་བུ་འདས་པོ་དེའི་ཕ་མ་གཉིས་དང་སྤུན་མཆེད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་བཅས་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ནས་དམ་པ་དེར་མྱ་ངལ་གུས་དུད་ཞུས་ཡོད་པ་རེད།།

XS
SM
MD
LG