ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཌཱ་ནལྜ་ཊཱ་རཱམ་ལ་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་བསྒྱུར་འཆར་ཡོད་པ།


ཨ་མི་རི་ཀའི་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིར་འགྲན་ཞུགས་པ་ཌཱ་ནལྜ་ཊཱ་རཱམ་ལ་རང་གི་རྒྱབ་སྐྱོར་པ་རྣམས་ཀྱིས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། གལ་ཏེ་ཁོང་དངོས་སུ་སྲིད་འཛིན་ལ་འདེམས་ཐོན་བྱུང་སྟེ། ད་ལྟ་དྲིལ་བསྒྲགས་བྱེད་བཞིན་པ་ལྟར་རྒྱ་ནག་གི་ཚོང་ཟོག་རིགས་ལ་སྒོ་ཁྲལ་ཧ་ཅང་མཐོན་པོ་འགེལ་རྒྱུའི་སྲིད་བྱུས་ལག་བསྟར་ཚེ། དེ་ནི་ཧ་ཅང་གི་ཆག་སྒོ་ཆེན་པོ་ཞིག་ལ་འགྱུར་རྒྱུ་རེད་ཅེས་དཔལ་འབྱོར་ཉམས་ཞིབ་པ་ཚོས་བརྗོད་ཀྱི་ཡོད་ཅིང་། ད་སྔ་བྱས་ཟིན་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁག་ལ་གཞིགས་ན་འབྱོར་ལྡན་པ་ཊཱ་རཱམ་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་དངོས་གཞི་དེར་ངེས་གཏན་ཁེལ་རྒྱུའི་རེ་བ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཁོང་གིས་ད་ལྟ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཏེ། གལ་ཏེ་རང་ཉིད་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་ལ་གྱོང་མཁྲེགས་ཅན་གྱི་སྲིད་བྱུས་ཤིག་བཟུང་ནས་རྒྱ་ནག་གིས་ཨ་མི་རི་ཀའི་ལས་མི་ས་ཡ་མང་པོའི་ལས་ཀ་འཕྲོག་གི་ཡོད་པ་རྣམས་ཕྱིར་འཕྲོག་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།།

XS
SM
MD
LG