ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་མི་རི་ཀའི་གཟའ་མིག་དམར་ཉིན་གྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ།


དེ་རིང་ཕྱི་ཟླ་༣་ཚེས་༡་ཉིན་ཨ་མི་རི་ཀའི་མངའ་སྡེ་ཁག་༡༢་ལ་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་ཚོར་འོས་ཤོག་འཕེན་གྱི་ཡོད་པ་དང་། ཨ་མི་རི་ཀའི་ངག་རྒྱུན་ལའང་དེ་རིང་གི་ཉིན་མོ་འདིར་འོས་བསྡུ་ཆེན་མོའི་གཟའ་མིག་དམར་ཞེས་འབོད་སྲོལ་ཡོད་ཅིང་། ཨ་མི་རི་ཀའི་དམངས་གཙོ་ཚོགས་པར་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་དང་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་གཉིས་ཡོད་པ་མ་ཟད། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པར་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་མི་ལྔ་ཡོད་པ་དང་། ཁོང་ཚོ་ནི་འབྱོར་ལྡན་པ་ཌོ་ནལ་ཊི་རམ་ཕུ་དང་ཧྥུ་ལོ་རི་ཌ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བིའོ། ཨ་རིའི་ཊེཀ་སི་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཊི་ཁུ་རུ་ཟི་དང་སྨན་པ་བྷན་ཁར་ཟན། ཨོ་ཧ་ཡེ་འོ་མངའ་སྡེའི་སྤྱི་ཁྱབ་པ་ཁ་ཤཱི་བཅས་ཡིན་ཞིང་། དེ་རིང་གི་འོས་འདེམས་བརྒྱུད་ནས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མིར་སུ་སུ་འདེམས་ཐོན་ཡོང་རྒྱུ་ཡིན་མིན་གཏིང་ཐག་དགའ་རབ་ཅིག་གཅོད་ཐུབ་པའི་རྣམ་པ་ཐོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG