ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་རྡོ་སོལ་དང་གཏེར་ཁའི་བཟོ་བ་ཉུང་འཕྲི་བྱ་འཆར།


རྒྱ་ནག་གི་སྤྱི་ཚོགས་འགན་སྲུང་དང་མིའི་ནུས་ཤུགས་ཐོན་ཁོངས་བློན་ཆེན་དབྱིན་ཝེ་མིན་གྱིས་གསར་འགོད་ལྷན་ཚོགས་སྐོང་སྟེ། རྒྱ་ནག་གི་རྡོ་སོལ་དང་གཏེར་ཁའི་བཟོ་ལས་ཁག་གི་བཟོ་བ་ས་ཡ་༡་དང་འབུམ་གསུམ་དང་། རྒྱ་ནག་གི་དྭངས་ལྕགས་བཟོ་ལས་ཁག་གི་བཟོ་བ་འབུམ་༥་ཉུང་བཅས་ཁྱོན་བསྡོམས་བཟོ་བ་ས་ཡ་༡་དང་འབུམ་༨་ཉུང་འཕྱི་བྱ་རྒྱུ་ཡིན། བཟོ་བ་དེ་ཚོ་ལས་རིགས་གཞན་ལ་བསྒྱུར་དགོས་པ་དཀའ་ངལ་ཆེན་པོ་ཞིག་ཡིན་མོད། ཡིན་ནའང་ང་ཚོས་རྒྱ་ནག་གི་རྡོ་སོལ་དང་དྭངས་ལྕགས་བཟོ་ལས་ཁག་གི་བཟོ་བ་ལས་ཤོར་པ་ཚོར་ལས་རིགས་གཞན་པ་གོ་སྒྲིག་བྱ་ཐུབ་པའི་གདེང་ཚོད་ཡོད་ཅེས་ཁྱབ་བསྒྲགས་བྱས་ཀྱང་། རྡོ་སོལ་དང་དྭངས་ལྕགས་བཟོ་ལས་ཁག་གི་བཟོ་བའི་གྲངས་འབར་དེ་ཉིད་ནམ་ཉུང་འཕྲི་བྱ་རྒྱུ་ཡིན་མིན་གྱི་དུས་ཚོད་གསལ་བོར་བཤད་མེད་ཅིང་། རྒྱ་ནག་གི་རྡོ་སོལ་དང་དྭངས་ལྕགས་བཟོ་ལས་ཁག་ལ་བཟོ་བ་ས་ཡ་༡༢་ཡོད་ཅེས་རྒྱལ་ཡོངས་སྡོམ་འབོར་ཞིབ་བཤེར་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG