ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧོང་ཀོང་གི་ཐོབ་ཐང་དོན་གཉེར་བ་ཞིག་ས་གནས་དེའི་གལ་ཆེའི་འོས་བསྡུ་ཞིག་གི་ནང་འགྲན་བཞུགས།


ཧོང་ཀོང་གི་ནང་ རེས་གཟའ་ཉི་མའི་ཉིན་ ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཁ་སྐོང་གི་འོས་བསྡུ་ཞིག་བྱས་ཡོད་པ་དེའི་ནང་ མཐར་ལྷུང་གི་ལྟ་སྤྱོད་འཛིན་མཁན་དམངས་གཙོ་དོན་གཉེར་བ་ཞིག་ཀྱང་འགྲན་བཞུགས་བྱས་ཡོད་པ་དང་ འོས་མི་དེ་ནི་ ཉེ་ཆར་རྒྱ་མིའི་ལོ་གསར་གྱི་སྐབས་གཞུང་གི་ཉེན་རྟོག་པ་དང་འཁྲུག་འཛིངས་བྱས་པའི་དྲག་ཟིང་གི་དོན་རྐྱེན་ཞིག་ནང་ཐེ་གཏོགས་ཡོད་པར་བརྟེན་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པས་ ཁོང་ལ་རྒྱབ་སྐྱོར་གྱི་འོས་ཤོག་ཇི་འདྲ་ཐོབ་མིན་གྱི་ཐོག་ནས་ ཧོང་ཀོང་གི་ཡུལ་མི་མང་ཚོགས་ཀྱི་ཚོར་བ་མཚོན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེ་ཡང་ ཕྱི་ཟླ་གཉིས་པའི་ཚེས་༢༨ རེས་གཟའ་ཉི་མའི་ཉིན་བྱས་པའི་འཐུས་མི་ཁ་སྐོང་གི་འོས་བསྡུ་དེ་ནི་ དམངས་གཙོ་དོན་གཉེར་བ་གྲགས་ཅན་ Ronny Tong སྔ་ལོ་སྤྱི་དམངས་ཀྱི་ཚོགས་པ་དང་ གྲོས་ཚོགས་ཀྱི་འཐུས་མི་བཅས་གཉིས་ཀ་ནས་དགོངས་ཞུ་བྱས་པར་བརྟེན་ ཁོང་གི་ཚབ་ཅིག་འོས་འདེམས་བྱ་རྒྱུའི་ཆེད་དུ་ཡིན་ཞིང་ རང་ལོ་༢༤ལ་སོན་པ་ཨེཌ་ཝཌ་ ལཱུང་ དེའི་ནང་འགྲན་བཞུགས་བྱས་ཡོད་པ་དེའི་ཐོག་ནས་ ཁོང་གིས་འགོ་ཁྲིད་པའི་ཧོང་ཀོང་གི་གདོད་མའི་མི་རིགས་ཀྱི་སྒྲིག་འཛུགས་ཞེས་པ་ ཧོང་ཀོང་མི་དམངས་ལ་དམངས་གཙོའི་ཁེ་དབང་ཆ་ཚང་བ་ཞིག་ཡོང་རྒྱུའི་སླད་དུ་ དྲག་སྤྱོད་ཀྱིས་མཚོན་པའི་མཐར་ལྷུང་གི་བྱ་ཐབས་ལག་བསྟར་བྱ་རྒྱུའི་སྐུལ་སློང་བྱེད་མཁན་ཚོགས་པ་ཁག་གི་ལས་འགུལ་ལ་ མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་དང་མེད་གསལ་པོ་མཚོན་ཐུབ་པ་ཞིག་ཀྱང་ཆགས་རྒྱུ་ཡིན་པ་རེད།

XS
SM
MD
LG