ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་གིས་བརྙན་འཕྲིན་ནང་དུ་ནག་ཉེས་ངོས་ལེན།


སྔ་ལོ་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡེ་ཤུའི་ལྷ་ཁང་ཁག་གི་ཐོག་ཏུ་བཙུགས་པའི་རྒྱང་ཤིང་མང་པོ་ཞིག་གཏོར་བཤིག་བཏང་བ་དང་། རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་དད་པ་ཚོས་དཔལ་འབྱོར་གྱི་ཁྲིམས་འགལ་བྱས་སོང་ཞེས་ནག་ཉེས་བཙུགས་ནས་བཀག་ཉར་བྱས་ཡོད་ཅིང་། དེར་བརྟེན་ཁྲིམས་རྩོད་པ་ཀྲང་ཁེ་ཡིས་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོ་དག་འབུད་བྱས་ནས་ཁྲིམས་གཏུག་བྱས་རུང་། དེ་ནས་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཀྲང་ཁེ་བཙན་ཁྲིད་བྱས་ནས་ཟླ་བ་མང་པོར་གར་སོང་ཆ་མེད་དུ་གྱུར་པ་དང་། ཕྱི་ཟླ་༢་ཚེས་༢༥་དགོང་མོར་རྒྱ་ནག་གཞུང་གིས་ཀྲང་ཁེ་བརྙན་འཕྲིན་ནང་དུ་བསྟན་པ་མ་ཟད། ཁོང་གིས་ངས་མི་མང་ལ་ངོ་རྒོལ་བྱ་དགོས་པའི་ངན་སྐུལ་བྱས་པ་ཡིན། ངས་ངལ་སྐུལ་བྱས་པ་རྒྱ་ནག་གི་ཁྲིམས་དང་རང་ཉིད་ཁྲིམས་རྩོད་པ་ཞིག་ཡིན་པའི་དྲང་ཚུགས་ལ་རྒྱབ་འགལ་ཆགས་སོང་ཞེས་ནག་ཉེས་ངོས་ལེན་བྱས་ཡོད་པ་རེད།།

XS
SM
MD
LG