ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་གླེང་བྱེད་པར་ཁ་གཏད་གཅོག་རྒྱུ།


ཉེ་དུས་ཨ་མི་རི་ཀས་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་རྩོད་གཞི་ཆེ་བའི་གླིང་ཕྲན་ཁག་གི་ཉེ་ཁྲིས་སུ་ དམག་གྲུ་བཏང་སྟེ་ མཚོ་འགྲུལ་རང་དབང་ལོངས་སྤྱོད་བྱས་པའི་གནས་ཚུལ་བྱུང་ཡོད་པ་དེ་བཞིན་ ཨཽ་སི་ཊེ་ལི་ཡ་དང་ དེ་མིན་རྒྱལ་ཁབ་གཞན་གྱིས་ཀྱང་བྱེད་དགོས་ཀྱི་རེད་ཅེས་ ཨ་མི་རི་ཀའི་མཚོ་དམག་གི་མཐོ་རིམ་དམག་སྤྱི་ཞིག་གིས་ གཟའ་ཟླ་བའི་ཉིན་གསུངས་ཡོད་ཅིང་ དེ་ཡང་ ཨ་མི་རི་ཀའི་མཚོ་དམག་གི་དམག་སྡེ་ཨང་བདུན་པའི་དམག་སྤྱི་གཞོན་པ་ཇྷོ་སེབ་ ཨཽ་ཀོ་ཡིན་ ཨཽ་སི་ཊེ་ལི་ཡར་ཕེབས་ཏེ་ ཡུལ་དེའི་རྒྱལ་སྲུང་མི་སྣ་རྣམས་དང་ ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་ ལྷག་པར་དུ་ རྒྱ་ནག་གཞུང་གིས་མཚོ་ཁུལ་དེར་ དྲག་པོའི་རྟེན་གཞི་འཛུགས་རྒྱུ་གཞི་རྒྱ་ཆེ་རུ་གཏོང་བཞིན་པའི་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་རེད།

XS
SM
MD
LG