ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༢/༡༡

ཨ་རིའི་སྲིད་འཛིན་གྱི་འོས་མི་རུ་བྷི་ཡོ་ཡིས་གྷོ་ནལ་ཊ་རམ་ལ་སྐྱོན་བརྗོད་བྱས་པ།



ཨ་མི་རི་ཀའི་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིའི་སྔོན་འགྲོའི་འགྲན་རྩོད་གསར་ཤོས་དེ་བཞིན་མངའ་སྡེ་ལྷོ་ཀེ་རོ་ལི་ནའི་ནང་བྱས་པའི་སྐབས་འབྱོར་ལྡན་པ་གྲོ་ནལ་ཊ་རམ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་ མར་ཀོ་རུ་བྷི་ཡོ་ཨང་རིམ་གཉིས་པར་སླེབས་ཡོད་ཅིང་ ད་ཆ་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིའི་འགྲན་རྩོད་ཀྱི་ནང་འོས་མི་ལྔ་མ་གཏོགས་མེད་པའི་ཁོངས་ནས་འོས་མི་ཨང་རིམ་མཐའ་མ་གཉིས་ལ་དེ་ཙམ་རེ་བ་མེད་ཅིང་ རེ་བ་ཡོད་པའི་འོས་མི་གསུམ་ཕན་ཚུན་སྐྱོན་བརྗོད་བྱེད་རེས་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG