ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀེ་མར་རུྗ་ཡི་འགོ་གཙོས་བཙོན་གྱི་བཅད་ཁྲ་བཏང་བར་ཞུ་ལོག་གི་སྙན་ཞུ།


ཀེམ་བྷོ་ཌི་ཡེའི་ཀེ་མར་རུྗ་དམར་ཤོག་གི་མཐོ་རིམ་འགོ་གཙོ་ལྷག་བསྡད་གཅིག་གིས་ དེ་སྔ་སྲིད་དབང་བཟུང་བའི་སྐབས་སྤྱི་ཚོགས་དྲང་བདེན་ཡོང་ཐབས་སུ་འཐབ་རྩོད་བྱས་པ་ལས་ དེ་མིན་གྱི་དམིགས་ཡུལ་གཞན་གང་ཡང་བཅང་རྒྱུ་མ་བྱུང་ཞེས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་གཉེར་ཡོད་པའི་ཁྲིམས་ཁང་གིས་ རང་ལ་ཚེ་བཙོན་གྱི་བཅད་ཁྲ་བཏང་བར་ཞུ་ལོག་རྒྱག་པའི་སྐབས་བརྗོད་ཡོད་པ་རེད་ དེ་ཡང་ ཀེམ་བྷོ་ཌི་ཡེའི་རྒྱལ་ས་ནཱོམ་ཕྷེན་གྱི་ནང་ཡོད་པའི་ཁྲིམས་ཁང་དེས་ དེ་སྔ་དམར་ཤོག་ཀེ་མར་རུྗ་ཡིས་སྲིད་དབང་བཟུང་བའི་སྐབས་ཀྱི་འགོ་ཁྲིད་ རང་ལོ་༨༤ལ་སླེབས་པ་ཁིའུ་ སམ་ཕེན་དང་ རང་ལོ་༨༩ལ་སླེབས་པའི་མཐོ་རིམ་འགོ་ཁྲིད་གཞན་ནུན་ཅཱ་བཅས་གཉིས་ འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཞི་བའི་ཡུལ་མི་ཧ་ཅང་མང་པོ་དམར་བསད་བཏང་བའི་གྱོད་གཞིའི་ནང་ཁ་སྔོན་ཉེས་ཅན་ཐོན་པར་བརྟེན་ ཁོང་གཉིས་ཀྱིས་ཞུ་ལོག་རྒྱག་གི་ཡོད་སྟབས་ ཞུ་ལོག་གི་སྙན་ཞུ་དང་ལེན་བྱེད་དགོས་དང་ མི་དགོས་ཀྱི་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG