ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་མུ་དགེ་ཆེན་པོའི་སྐོར་དཔེ་དེབ་འབྲི་མཁན་ཨ་རིར་བསྐྱོད་རྒྱུ་བཀག་འགོག


དེ་སྔ་རྒྱ་ནག་གི་ཤིང་ཧཱ་གསར་ཁང་གི་གསར་འགོད་པ་དང་༢༠༠༨ལོར་འགྲེམས་སྤེལ་བྱས་པའི་༡༩༥༨ནས་༦༡བར་དུ་བྱུང་བའི་རྒྱ་ནག་ནང་གི་མུ་དགེ་ཆེན་པོའི་སྐོར་གྱི་དུར་རྡོ་ཞེས་པའི་དཔེ་དེབ་འབྲི་མཁན་ཡང་ཅིད་ཧྲེན་ལ་ཨ་རིའི་སྙན་གྲགས་ཅན་གྱི་གཙུག་ལག་སློབ་གྲ་ཆེན་མོ་ཧཱ་ཝ་ཌེ་ཡིས་བྱ་དགའ་འབུལ་རྒྱུ་ཡིན་ནའང་ཕྱིར་བསྐྱོད་ཐད་རྒྱ་ནག་གཞུང་ནས་དགག་བྱ་བྱས་ཡོད་པ་རེད་ སྐུ་ཞབས་ཡང་ནི་རྒྱ་ནག་གི་མུ་དགེ་ཆེན་པོའི་སྐབས་ཀྱི་གནས་ཚུལ་དང་བཀྲེས་ལྟོགས་ཀྱིས་འཆི་བའི་མིའི་གྲངས་འབོར་ནི་ས་ཡ་༣༦ ཡིན་པ་རྗོད་མཁན་ཐོག་མ་དེ་ཡིན་པ་རེད།

XS
SM
MD
LG