ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ་ ༢༠༢༦-༠༩-༠༦

བཞུགས་སྒར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་བསྐྱར་གསོའི་ལས་འགུལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་རང་བཙན་སློབ་ཕྲུག་ཚོགས་པས་ བཞུགས་སྒར་རྡ་རམ་ས་ལར་ བོད་ཀྱི་བདག་དབང་བསྐྱར་གསོ་བྱ་རྒྱུར་དམིགས་པའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་ དེ་ཡང་ ཕྱི་ལོ་༢༠༡༣ལོའི་ཟླ་བ་གཉིས་པའི་ཚེས་༡༣ཉིན་ འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཁག་གིས་ དེ་སྔ་༧གོང་ས་སྐུ་འཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་བསྩལ་ཏེ་ ལོ་བརྒྱ་འཁོར་བའི་དུས་དྲན་ལ་གཞི་རྒྱ་ཆེ་བའི་སྲུང་བརྩི་ཞུ་བའི་སྐབས་སུ་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལོ་ལྟར་ ཕྱི་ཟླ་གཉིས་པའི་ཚེས་༡༣གི་ཉིན་མོ་དེ་ བོད་རང་བཙན་གྱི་ཉིན་མོར་ངོས་འཛིན་བྱས་ཏེ་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་བྱས་ཡོད་པ་ལྟར་ འདི་ལོ་བཞུགས་སྒར་དུ་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་བྱས་ཏེ་ བོད་བསྐྱར་གསོའི་ལས་འགུལ་སྤེལ་ཡོད་པའི་སྐོར་ འདི་གའི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

This item is part of
XS
SM
MD
LG