ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་ལ་ལིའུ་ཤཱའོ་བྷོ་ཞེས་མིང་གདགས་རྒྱུར།



ཨ་མི་རི་ཀར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་ལ་ རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་པ་སྙན་གྲགས་ཅན་ཞིག་གི་མིང་གདགས་རྒྱུའི་གྲོས་འཆར་ཞིག་ལ་ ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་འགྱུར་གྱི་ཐོག་ནས་རྒྱབ་སྐྱོར་བྱས་ཡོད་ཅིང་ དེ་ཡང་ ཕྱི་ལོ་༢༠༡༦ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ནང་འགྲན་ཞུགས་བྱེད་མཁན་ སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཊེཌ་ ཀུ་རུ་སུ་ཡིས་ རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་ལ་ ད་ལྟ་རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པའི་ནོ་ཝལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤཱ་བྷོ་ཡི་མིང་གདགས་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་པ་དེ་ལ་ རེས་གཟའ་པ་སངས་ཉིན་ གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་འགྱུར་གྱི་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་གཏན་འབེབས་བྱུང་ཡོད་པ་རེད་ དེ་ལ་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཀྲུ་ཧེ་ཅུའན་གྱིས་ངོ་རྒོལ་བྱས་ཏེ་ དེ་ནི་ཕན་ཐོགས་གང་ཡང་མེད་པའི་འཁོན་འཁྲུག་སློང་གཞིའི་བྱ་སྤྱོད་གཅིག་ཡིན་པས་ བྱ་སྤྱོད་དེ་རིགས་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པའི་སྐོར་རོ་ཀྲར་གསར་སྤེལ་ཁང་གི་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG