ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨབ་གྷ་ནི་སི་ཐན་གྱི་་གནས་སྟངས་སྐོར་རྒྱལ་ཚོགས་ཀྱིས་སྙན་ཐོ་བཏོན་ཡོད་པ།



མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་རིང་རེས་གཟའ་ཉི་མའི་ཉིན་འདོན་སྤེལ་བྱས་པའི་སྙན་ཐོ་གསར་པ་དེའི་ནང་། ཕྱི་ལོ་༢༠༡༥་ལོར་ཨབ་གྷ་ནི་སི་ནང་གི་དྲག་ཟིང་བྱུང་བ་ཁག་གི་ནང་ཞི་བའི་མི་སེར་༣༥༠༠་ཙམ་ཞིག་སྲོག་སྐྱོན་དང་། ༧༥༠༠་ཙམ་ཞིག་ལ་རྨས་སྐྱོན་བྱུང་ཡོད་འདུག གྲངས་འབོར་འདི་ནི་་་ཕྱི་ལོ་༢༠༡༤་ནང་གི་གནས་སྟངས་ནས་་བརྒྱ་ཆ་༤ ཙམ་ཞིག་འཕར་ཡོད་པས་མ་ཚད། ཕྱི་ལོ་༢༠༠༩་འི་རྗེས་སུ་་ཞི་བའི་མི་སེར་ལ་འཆི་རྨས་བྱུང་བའི་གྲངས་འབོར་་མཐོ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG