ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་ལོ་གསར་ལ་འཚམས་འཕྲིན་གནང་བ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀས་རེས་ བོད་ཀྱི་ལོ་གསར་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་ཞིག་གནང་འདུག་པ་དང་ འཚམས་འཕྲིན་དེའི་ནང་ སྲིད་འཛིན་ཨོ་བྷ་མ་མཆོག་དང་ ཨ་མི་རི་ཀའི་མི་དམངས་ཀྱི་ཚབ་ཞུས་ཏེ་ངས་ ལོ་གསར་གྱི་དགའ་སྟོན་རྟེན་འབྲེལ་ལ་རོལ་བའི་ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་ཡོངས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ རྒྱ་བལ་འབྲུག་གསུམ་དང་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་བོད་ཀྱི་ས་ཁུལ་ཁག་ཚུད་པའི་ཧི་མ་ལ་ཡེའི་མངའ་ཁུལ་གྱི་མི་རྣམས་ཀྱིས་ ཤིན་ཏུ་ཕྱུག་པའི་རང་གི་རིག་གཞུང་དང་ ལོ་རྒྱུས་མཚོན་པའི་དགའ་སྟོན་གྱི་བྱེད་སྒོ་སྤེལ་བའི་དུས་བཟང་འདིར་ ཁྱེད་རྣམས་དང་མཉམ་དུ་ང་ཚོ་ཨ་མི་རི་ཀ་ཡང་མཉམ་ཞུགས་བྱས་ཡོད་ཅེས་གསུངས་པ་དང་འབྲེལ་ ཁྱེད་རྣམས་ཀྱི་ གླུ་གཞས་དང་ སྙན་ངག་ སྒྱུ་སྩལ་ དེ་བཞིན་ རྩོམ་རིག་བཅས་ཀྱི་ནང་གནས་པའི་ཤིན་ཏུ་ཕྱུག་པའི་རིག་གཞུང་གི་རྒྱུན་སྲོལ་བཟང་པོས་ འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་རིག་གཞུང་ཕྱུག་ཏུ་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད་པ་རེད་ འཚམས་འཕྲིན་དེའི་མཇུག་ཏུ་སྐུ་ཞབས་ཇོན་ཀས་རེ་ཡིས་ ད་ལྟ་ཁྱེད་རྣམས་རང་གི་ནང་མི་དང་ ཉེ་འདུ་གཉེན་ཚན་དང་མཉམ་དུ་འཛོམས་ཏེ་ལོ་གསར་གཏོང་བའི་སྐབས་འདིར་ ཨ་མི་རི་ཀ་ཡང་ཟླ་གྲོགས་དང་ གྲོགས་པོའི་ཚུལ་དུ་ཁྱེད་རྣམས་དང་མཉམ་དུ་ཡོད་པ་དེ་ཤེས་པ་གནང་དགོས་ཞེས་གསུངས་པ་དང་འབྲེལ་ ལོ་གསར་པ་འདིའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG