ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་ནི་འཛམ་གླིང་ནང་ནས་ལྐོག་ཟ་རུལ་སུངས་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲལ་དུ་ཡོད་པ།


རྒྱལ་སྤྱིའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཡོད་མེད་ལྟ་ཞིབ་བྱེད་མཁན་༼Transparency International༽སྒྲིག་འཛུགས་ཀྱིས་ ལོ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གི་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་འདོན་གྱི་ཡོད་ཅིང་ ཕྱི་ལོ་༢༠༡༥ལོའི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་བཞིན་ ཟླ་བ་དང་པོའི་ཚེས་༢༧རེས་གཟའ་ལྷག་པའི་ཉིན་བཏོན་ཡོད་པ་རེད་ སྙན་ཐོ་དེའི་ནང་ རྒྱལ་ཁབ་སོ་སོའི་ནང་ ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་ གོ་རིམ་བསྒྲིགས་ཡོད་པ་དེར་གཞིགས་ན་ རྒྱ་གར་ནི་ ཕྱི་ལོ་༢༠༡༤ལོར་ རིམ་པ་༧༦པ་དེ་ཡིན་པ་བཞིན་ ད་རེས་ཀྱང་རིམ་པ་དེ་རང་ལ་མུ་མཐུད་གནས་ཡོད་པ་དང་ འོན་ཀྱང་ རྒྱ་ནག་རིམ་པ་འགའ་ཞིག་མར་གཟགས་ཏེ་འདི་ལོ་རིམ་པ་༨༣ལ་སླེབས་ཡོད་པ་རེད་ གོང་ཞུས་སྒྲིག་འཛུགས་དེས་ཁྱོན་རྒྱལ་ཁབ་༡༦༨ཀྱི་གནས་སྟངས་ལ་ལྟ་ཞིབ་བྱས་ཡོད་པ་དེ་དག་གི་ནང་ནས་ ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ་ཤོས་བྱང་ཀོ་རི་ཡ་དང་ ཨ་ཕྷི་རི་ཀའི་ཡུལ་གྲུ་སཱོ་མཱ་ལི་ཡའི་ནང་ཡོད་པ་འཐེར་འདོན་བྱས་ཡོད་པ་དང་ ལྐོག་ཟའི་སྐྱོན་ཆ་མེད་པའི་རྒྱལ་ཁབ་རྩེ་ཕུད་དེ་ཌེན་མཱག་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

XS
SM
MD
LG