ཨ་མི་རི་ཀའི་ཝིར་ཇི་ཎི་ཡ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཝམ་བྷིར་ཕྱི་ལོ་གསར་པའི་གུང་སེང་སྐབས་སུ་བྱང་ཀོ་རི་ཡར་ཉི་མ་ལྔའི་ལྟ་སྐོར་དུ་སོང་བ་དང་། ཕྱི་ཟླ་དང་པོའི་ཚེས་༢་ཉིན་ལོ་ན་༢༡་ལ་སོན་པའི་སློབ་ཕྲུག་དེ་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་རྒྱལ་སྤྱིའི་གནམ་ཐང་དུ་བཀག་ཉར་བྱས་ཏེ། ཨ་མི་རི་ཀ་བ་ཧྥེ་རེ་ཌི་རིཀ་ཝམ་བྷིར་བྱང་ཀོ་རི་ཡ་ནས་རྒྱ་ནག་ལ་ཕྱིར་ལོག་བྱེད་དུ་བཅུག་མེད་ཅིང་། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཨ་མི་རི་ཀའི་སློབ་ཕྲུག་དེ་རྒྱ་ནག་བརྒྱུད་ནས་བྱང་ཀོ་རི་ཡར་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་རུང་། ཁོ་པས་བྱང་ཀོ་རི་ཡ་རྒྱལ་ཁབ་དགྲར་འཛིན་གྱི་ལས་འགུལ་སྤེལ་པ་དང་། བྱང་ཀོ་རི་ཡའི་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་འཛིན་བཟུང་ཐུབ་ཡོད། སློབ་ཕྲུག་དེས་བྱང་ཀོ་རི་ཡ་དགྲར་འཛིན་གྱི་ལས་འགུལ་སྤེལ་པ་དེར་ཨ་རིའི་གཞུང་གིས་བཟོད་སྒོམ་བྱས་ནས་ངན་སྐུལ་བྱས་ཡོད་ཅེས་སྐྱོན་འཛུགས་བྱས་ཀྱང་། ཨ་མི་རི་ཀའི་སློབ་ཕྲུག་དེས་བྱང་ཀོ་རི་ཡའི་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་ལ་གཏོར་བརླག་ཇི་ལྟར་བྱས་ཡོད་མེད་དང་། བྱང་ཀོ་རི་ཡ་རྒྱལ་ཁབ་དེ་ཉིད་དགྲར་འཛིན་གྱི་ལས་འགུལ་ཅི་ཞིག་སྤེལ་ཡོད་མེད་གསལ་བོར་བཤད་མེད་པ་རེད།