ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ཀི་སི་ཐན་རྒྱལ་ཡོངས་སུ་ཏ་ལི་བན་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་པའི་ལས་འགུལ་ཞིག་ཚུགས་ཡོད་པ་དང་། རྒྱལ་ཁབ་དེའི་དམག་གིས་ཀྱང་ཨབ་གྷ་ཎི་སི་ཐན་གྱི་ས་མཚམས་ཁག་ཏུ་ཡོད་པའི་ཏ་ལི་བན་དྲག་སྤྱོད་པ་ཚོར་ཕར་རྒོལ་བྱེད་ཀྱི་ཡོད་རུང་། ཕྱི་ཟླ་དང་པོ་ཚེས་༢༠་ཉིན་ཏ་ལི་བན་དྲག་སྤྱོད་པ་ཚོས་པ་ཀི་སི་ཐན་གྱི་སློབ་ཆེན་ཞིག་ལ་གཏོར་རྒོལ་བྱས་ནས་མི་༡༩་བསད་པ་དེ་ལ་བལྟས་ཚེ། ད་དུང་ཡང་ཏ་ལི་བན་དྲག་སྤྱོད་པ་ཚོ་སྟོབས་ཉམས་མེད་ཅིང་། ཁོ་ཚོར་གློ་བུར་དུ་གཏོར་རྒོལ་བྱ་ཐུབ་པའི་ནུས་པ་ཡོད་པ་ར་སྤྲོད་ཐུབ་ཡོད། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་རྨས་སྐྱོན་ཕོག་པའི་སློབ་ཕྲུག་ཁག་ཅིག་དྲག་སྐྱེད་འབྱུང་མི་ཐུབ་པ་དང་། མཐའ་མཇུག་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་མི་༤༠་ཙམ་ལ་འཕར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG