ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དབྱིན་གཞུང་གིས་ཕྷི་ལི་པིན་དང་རྒྱལ་སྲུང་གི་ཐད་གྲོས་མཐུན་ཞིག་འཇོག་འཆར་ཡོད་པ།


ཕྷི་ལི་པིན་དང་ དབྱིན་ཡུལ་གྱིས་དེ་སྔ་རྒྱལ་སྲུང་གི་ཐད་གྲོས་མཐུན་ཞིག་བཞག་ཡོད་པ་དེ་ལ་ད་ཆ་བསྐྱར་བཅོས་བྱས་ཏེ་ ཡུལ་གྲུ་གཉིས་དམག་དོན་དང་ བདེ་སྲུང་ དེ་བཞིན་ རང་འབྱུང་གི་གོད་ཆགས་བཅས་དང་འབྲེལ་བའི་ལས་དོན་ཐད་མཉམ་ལས་བྱ་རྒྱུ་གཞི་རྒྱ་ཆེ་རུ་གཏོང་རྒྱུར་དམིགས་པའི་གྲོས་མཐུན་གསར་པ་ཞིག་ལ་ ལོ་འདིའི་ནང་མིང་རྟགས་འགོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་ དེ་ཡང་ ཕྷི་ལི་པིན་གྱི་རྒྱལ་ས་མཱ་ནི་ལཱ་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེ་མོ་ཨཱ་སིབ་ ཨཱེ་མདྷ་གྱིས་ གནད་དོན་དེའི་ཐད་ གཟའ་ཟླ་བའི་ཉིན་ གསར་འགོད་པ་རྣམས་ལ་གཏམ་བཤད་གནང་སྟེ་ དེ་འདྲའི་གྲོས་མཐུན་དེ་ ལོ་འདིའི་ཕྱི་ཟླ་བཅུ་པའི་གོང་ལ་བཞག་རྒྱུར་ ཕྱོགས་གཉིས་ཀས་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད་ ད་ཡོད་གྲོས་མཐུན་ལ་བཅོས་སྒྲིག་བྱ་རྒྱུའི་ཐག་གཅོད་དེ་ནི་ ཟླ་བ་འདིའི་འགོ་སྟོད་དུ་ དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཕྷི་ལིབ་ ཧ་མེནྜ་གྱིས་ཕྷི་ལི་པིན་ལ་འཚམས་འདྲི་གནང་སྟེ་ ཡུལ་དེའི་ཕྱི་འབྲེལ་དྲུང་ཆེ་ཨྷལ་བྷཌ་ ཌེལ་ རཱོ་སཱ་རིའོ་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་དེ་སྐབས་བྱུང་བ་ཞིག་ཡིན་པ་རེད།

XS
SM
MD
LG