ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཡུལ་མི་བཀག་ཉར།


གཟའ་འཁོར་གསུམ་ཙམ་གོང་གང་སོང་ཆ་མེད་དུ་གྱུར་བའི་ཧོང་ཀོང་གི་པར་བསྐྲུན་ཁང་གི་ལས་སྣ་ཞིག་རྒྱ་ནག་ལ་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་རེད། གནས་ཚུལ་དེ་ནི་འདས་པའི་ཟླ་བ་ཁ་ཤས་ཀྱི་རིང་ཧོང་ཀོང་ནང་གི་རྒྱ་ནག་གཞུང་ནས་དགག་ཆ་བྱས་པའི་དེབ་རིགས་པར་བསྐྲུན་ཁང་ཞིག་དང་འབྲེལ་ཡོད་མི་ལྔ་ཙམ་གང་སོང་མེད་པར་གྱུར་ཡོད་པས་རྒྱ་ནག་གི་གསང་བའི་མི་སྣས་ཧོང་ཀོང་གི་ས་ཐིག་ནང་དུ་འཛུལ་ནས་བཙན་ཁྲིད་བྱས་ཡོད་སྲིད་པའི་དོགས་པ་བྱེད་བཞིན་ཡོད་པ་དང་ ཉེ་དུས་ནས་རྒྱ་ནག་གཞུང་གིས་ཐའེ་ལན་སོགས་རྒྱལ་ཁབ་ཀྱི་ནང་ནས་གཞུང་དང་ལྟ་བ་ཐ་དད་པའི་མི་སྣ་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་དེ་ཚོ་ནི་རྒྱལ་སྤྱིའི་ཁྲིམས་ལས་འགལ་བ་ཞིག་ཡིན་པའི་སྐྱོན་བརྗོད་ཡོང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG