ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱི་སྲིད་བློན་གསར་པས་རྒྱལ་དོན་འཚམས་འདྲི་དང་པོ་རྒྱ་གར་ལ་བྱ་རྒྱུའི་འཆར་གཞི།


བལ་ཡུལ་གྱི་སྲིད་བློན་གསར་པ་ཀཱེ་པི་ ཤར་མཱ་ ཨཽ་ལི་ཡིས་ རྒྱལ་དོན་འཚམས་འདྲི་དང་པོ་རྒྱ་གར་ལ་བྱ་རྒྱུའི་འཆར་གཞི་ཡོད་པའི་ཐད་ རྒྱ་ནག་གཞུང་གིས་བློ་འཚབ་བྱེད་ཀྱི་ཡོད་པའི་རྣམ་པ་ཡོད་ཅིང་ དེ་ཡང་ དེང་སྐབས་བལ་ཡུལ་གྱི་ལྷོ་ཕྱོགས་ཏཱི་རཱ་ཡི་མངའ་ཁུལ་གྱི་ནང་ཟང་ཟིང་གི་གནས་ཚུལ་བྱུང་བའི་རྐྱེན་གྱིས་ རྒྱ་གར་གཞུང་གིས་བལ་ཡུལ་ལ་རྒྱུན་མཁོའི་དངོས་ཟོག་གི་རིགས་སྐྱེལ་འདྲེན་བྱེད་མཚམས་བཞག་པར་བརྟེན་ བལ་ཡུལ་ལ་སྣུམ་དང་ སོལ་རླངས་སོགས་རྒྱུན་མཁོའི་དངོས་ཟོག་གི་རིགས་ལྡེང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་ རྒྱུ་རྐྱེན་འདི་ལ་བརྟེན་ནས་ བལ་ཡུལ་གྱི་སྲིད་བློན་གྱིས་སྔར་སྲོལ་བརྩི་མེད་དུ་བཏང་སྟེ་ རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་མ་བསྐྱོད་གོང་ སྔོན་ལ་རྒྱ་ནག་ལ་བསྐྱོད་སྲིད་པའི་སྐོར་ཉེ་དུས་གནས་ཚུལ་མང་པོ་ཞིག་ཐོན་ཡོད་པ་རེད་ འོན་ཀྱང་ མཐའ་དོན་དུ་ བལ་ཡུལ་གྱི་སྲིད་བློན་གྱིས་ རྒྱལ་དོན་འཚམས་འདྲི་དང་པོ་རྒྱ་གར་ལ་བྱ་རྒྱུའི་ཐག་གཅོད་བྱས་པའི་སྐོར་གནས་ཚུལ་ཐོན་གྱི་ཡོད་པ་དེའི་ཐད་ རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་བློ་འཚབ་བྱས་ཏེ་ བལ་ཡུལ་གྱི་གཞུང་འབྲེལ་མི་སྣར་ དེའི་སྐོར་འདྲི་བརྩད་མང་པོ་བྱེད་ཀྱི་ཡོད་ལུགས་རྗོད་ཀྱི་ཡོད་པ་རེད།

XS
SM
MD
LG