ཕྷ་རན་སི་ཡི་རྒྱལ་སྲུང་བློན་ཆེན་གྱིས་ ཁ་ས་གཟའ་ཕུར་བུའི་ཉིན་གཏམ་བཤད་གནང་བའི་ནང་ ཕྷ་རནསི་ཡིས་གཟའ་འཁོར་རྗེས་མའི་ནང་ ཨ་རི་དང་ ཨིན་ཡུལ། འཇར་མི་ནི་བཅས་ཀྱི་རྒྱལ་སྲུང་བློན་ཆེན་རྣམ་པའི་ཚོགས་ཆེན་ཞིག་གོ་སྒྲིག་བྱས་ཏེ་ ཁ་ཆེ་མཐར་ལྷུངས་འཇིགས་སྐུལ་དྲག་སྤྱོད་པར་འཐབ་རྩོད་བྱེད་བའི་ལས་དོན་གྱི་ནང་ཤུགས་སྣོན་འཕར་མ་ཐེབས་པ་བཟོ་ཕྱོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་བྱེད་ཀྱི་ཡིན་ཞེས་བརྗོད་པའི་སྐོར་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།