ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བར་དྲག་རྩུབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ།


རྒྱ་ནག་གཞུང་གིས་ ཆབ་སྲིད་ཀྱི་ཀུན་ནས་སླངས་ཏེ་ ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་བཞི་ གྷུའང་ཏུང་ཞིང་ཆེན་དུ་དངོས་སུ་འཛིན་བཟུང་བྱས་ཡོད་པ་དེ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་ཡིན་ཞེས་ འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གཟའ་ལྷག་པའི་ཉིན་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཨེ་ཤི་ཡེའི་ལས་དོན་སྡེ་ཚན་གྱི་འགན་འཛིན་བྷི་རེཌ་ ཨཱེ་ཌམ་གྱིས་ ད་རེས་རྒྱ་ནག་གཞུང་གིས་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་བཞི་འཛིན་བཟུང་བྱས་པའི་གནས་ཚུལ་འདིའི་ཐོག་ནས་ ཞཱི་ཅིང་ཕིང་སྲིད་དབང་ཐོག་སླེབས་པ་ནས་བཟུང་དེ་ རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་སྒྲིག་འཛུགས་ཁག་ལ་བཙན་གནོན་དང་ དྲག་རྩུབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དེ་གསལ་པོ་མཚོན་པ་ཞིག་རེད་ཅེས་དང་ ཞཱི་ཅིང་ཕིང་གིས་འགོ་ཁྲིད་པའི་གཞུང་གིས་ ལོ་ཤས་ཀྱི་གོང་དུ་ཉེན་ཁ་བཟོ་གཞིར་ངོས་འཛིན་མི་བྱེད་པའི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་གྱི་ལས་འགུལ་གྱི་རིགས་ཀྱང་ད་ཆ་ཉེན་ཁ་བཟོ་གཞིར་ངོས་འཛིན་བྱས་ཏེ་ སྤྱི་འབངས་ཀྱི་ཐོབ་ཐང་དོན་གཉེར་བ་དེ་རྣམས་ལ་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG