ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་པ་དང་མ་རྐང་ཁྲོམ་རའི་རིན་གོང་གཟགས་པ་སོགས་ཀྱི་དཀའ་ངལ་ཡོད་བཞིན་པའི་སྐབས་དེར་རྒྱ་ནག་གི་དབུས་གཞུང་འཛིན་ལྷན་ཁང་གི་ཆེས་མཐོའི་འགོ་ཁྲིད་ཀྱི་ནང་དུ་ད་ལྟའི་གྲོང་ཆིངས་གྲོང་ཁྱེར་གྱི་སྤྱི་ཁྱབ་བསྐོ་ཤག་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཕྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཕྱི་བསྒྲགས་བྱས་མེད་ནའང་ གྲོང་ཆིངས་གྲོང་ཁྱེར་ནི་རྒྱ་ནག་གི་ནང་ནས་དཔལ་འབྱོར་འཕེལ་ཚད་མཐོ་ཤོས་དེ་ཡིན་པས་རྒྱ་ནག་གཞུང་གིས་ཁྲོམ་རའི་གནས་སྟངས་བརྟན་པོ་ཡོང་རྒྱུ་དང་མ་རྩ་འཛུགས་འཇོག་པ་ཚོའི་ཡིད་ཆེས་འཕེལ་ཐབས་སུ་འགོ་ཁྲིད་ལ་འཕོ་འགྱུར་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད།

XS
SM
MD
LG