ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ སྔོན་མ་ནས་གསང་བའི་ཐོག་ནས་བཀག་ཉར་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཁྲིམས་རྩོད་པ་དེ་དག་ རེས་གཟའ་མིག་དམར་ཉིན་གཞུང་འབྲེལ་ལམ་ལུགས་ལྟར་འཛིན་བཟུང་བྱས་ཡོད་པ་འབྲེལ་ཡོད་ཁྲིམས་རྩོད་པ་ཚོས་འགྲེལ་བརྗོད་བྱས་ཡོད་པ་དང་ ན་ནིང་སྤྱི་ཟླ་༧་ནས་སྤྱི་ཟླ་༩་བར་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་ཁྱོན་བསྡོམས་༣༠༠་བརྒལ་བ་གསང་བའི་ཐོག་ནས་བཀག་ཉར་བྱས་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG