ངོ་འཕྲད་བདེ་བའི་དྲ་འབྲེལ།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞིས་མཁན་ལྕམ་ཨང་སང་སུ་སྐྱིས་ཀྱིས་དེ་རིང་ཡུལ་དེའི་ནང་ཚོགས་པའི་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཀྱི་ཚོ་ཁག་དབར་གྱི་ཞི་བའི་གྲོས་མོལ་ནང་མཉམ་ཞུགས་བྱས་ཡོད་པ་མ་ཚད། ཚོགས་འདུའི་འགོ་འཛུགས་ཀྱི་གཏམ་བཤད་བྱས་ཏེ། མ་འོང་པར་རང་གིས་ཚོགས་པའི་སྲིད་གཞུང་འཛིན་སྐབས་ཀྱི་གནད་དོན་འདི་ཡི་ཐད་སྲིད་ཇུས་གང་འདྲ་འཛིན་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པ་རེད། དེའི་ཐད་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG