ངོ་འཕྲད་བདེ་བའི་དྲ་འབྲེལ།

དྲ་ལམ་དུ་རྒྱ་ནག་གཞུང་གི་ལྟ་བ་དར་ཁྱབ་གཏོང་རྒྱུ།


ཞི་ཅི་པེན་རྒྱ་ནག་གི་ཆབ་སྲིད་མགོ་ཁྲིད་དུ་གྱུར་བ་ནས། རྒྱ་ནག་ནང་དྲ་ལམ་གྱི་ཁོར་ཡུག་དང་ཚོང་རྭ། བེད་སྤྱོད་བྱེད་མཁན་གྱི་མི་འབོར་བཅས་ཧ་ཅང་མང་སོང་བའི་དུས་ཚོད་ཅིག་ཡིན་ལ། ཞི་ཅི་པེན་གྱིས་རྒྱ་ནག་གི་ཆབ་སྲིད་བརྟན་བརླིང་དང་རྒྱུན་གནས་ཐུབ་རྒྱུར་དྲ་རྒྱའི་བརྒྱུད་ལམ་གྱི་བཀག་སྡོམ་དང་དམ་དྲག་ནི་ལམ་ཀ་ཡག་ཤོས་སུ་བརྩི་བཞིན་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་ཏེ་སྤྱི་ལོ་༢༠༡༦ལོར་གུང་ཁྲན་ཏང་གི་ལྟ་བ་དང་ལངས་ཕྱོགས། གྲུབ་འབྲས་སོགས་བརྗོད་གཞི་བྱེད་པའི་གནས་ཚུལ་རྣམས་དྲ་ལམ་དུ་དར་ཁྱབ་ཇེ་ཆེར་གཏོང་རྒྱུ་ཡིན་པར་བརྗོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG