ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་སྲིད་དོན་པ་དང་ཉམས་ཞིབ་པ་སོགས་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ།


India Dalai Lama
India Dalai Lama

རྒྱ་གར་གྱི་སྲིད་དོན་པ་དང་ ཉམས་ཞིབ་པ་ དེ་བཞིན་ ཁེ་ལས་པ་སོགས་གྲགས་ཅན་མི་སྣ་མང་པོ་ཞིག་གིས་ རྒྱལ་ས་ལྡི་ལི་གསར་པའི་ནང་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ཆེ་བསྟོད་ཞུ་བའི་འདུ་འཛོམས་ཤིག་གོ་སྒྲིག་གནང་ཡོད་ཅིང་ ཕྱི་ལོ་གསར་པའི་ཟླ་བ་དང་པོའི་ཚེས་༤ཉིན་གྱི་ཚོགས་འཛོམས་དེའི་ཐོག་ འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་བསྩལ་ཏེ་ ད་ལྟའི་དུས་སྐབས་འདིར་འཛམ་གླིང་གི་མི་རྣམས་བྱམས་སྙིང་རྗེ་སྔར་བས་ཆེ་བ་དང་ ཞི་དུལ་སྔར་བས་ཆེ་བ་བྱེད་གལ་ཆེན་པོ་ཡིན་ཞེས་བཀའ་བསྩལ་བ་དང་འབྲེལ་ གལ་ཏེ་ མི་ཞིག་སྟག་གམ་ གླང་པོ་ཆེས་བསད་པ་ང་ཚོས་གོ་བ་ཡིན་ན་ ཧང་སང་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ དེང་སང་ ཆོས་དང་ རྒྱལ་ཁབ་ཀྱི་དོན་དུ་ཡིན་ཚུལ་ཁ་ལ་འཁྱེར་ཏེ་ མིས་མི་བསད་པའི་གནས་ཚུལ་ནི་ རྒྱུན་ལྡན་ལྟ་བུ་ཞིག་ལ་གྱུར་ཡོད་པ་དེ་ནི་ བསམ་ཡུལ་ལས་འདས་པའི་གནས་ཚུལ་ཧ་ཅང་གི་ཐབས་སྡུག་ཞིག་རེད་ཅེས་བཀའ་སྩལ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG