ཕ་ཡུལ་གླེང་སྟེགས།
རྒྱ་ནག་གཞུང་གིས་དམག་སྡེ་གསར་པ་གསུམ་གྱི་དམག་སྤྱི་བསྐོ་བཞག་བྱས་པ
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ལམ་རིམ་གསུང་ཆོས་བསྩལ་བའི་སྐབས་སུ། དམིགས་བསལ་གྱི་བླང་དོར་བཀའ་སློབ་བསྩལ་བའི་ཁྲོད་ཀྱི་ཚན་པ་ཁག་ཅིག་ངོ་སྤྲོད་བྱས་ཡོད།། ༧གོང་ས་མཆོག་གིས་འཛམ་གླིང་སྟེང་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་དང་སྤྱི་སེམས་ནི་སྤྱི་ཚོགས་ཡོངས་ལ་བདེ་སྐྱིད་བསྐྲུན་པར་གལ་ཆེན་པོ་ཡིན་པའི་སྐོར་ནས་ཕྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་གསུངས་ཡོད།།