ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ཧྲིན་ཀྲིན་གྱི་ཁང་བརྩེགས་བསྣུབས་པའི་དོན་རྐྱེན།


རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་དུ་བཟོ་ལས་ཁང་ཁག་གི་གད་སྙིགས་ཕུང་གསོག་ལ་ཆར་ཆུས་བརླན་ཏེ་མར་ཉིལ་བ་དང་། དེ་ལ་བརྟེན་ནས་ཁང་བརྩེགས་༣༣ལ་གནོན་སྐྱོན་བྱུང་བའི་དོན་རྐྱེན་དང་འབྲེལ་ཡོད་གྲོང་ཁྱེར་འཛུགས་བསྐྲུན་དང་བདེ་འཇགས་ལས་དོན་མི་སྣ་༡༢འཛིན་བཟུང་བྱས་ཡོད་པ་དང་། གཞུང་འབྲེལ་དཔོན་པོ་གཅིག་རང་ཤི་བརྒྱབ་ཡོད་པ་བཅས་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་འདུག

ཚེས་༢༨་གཟའ་ཟླ་བའི་ཉིན་ལ་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཉེན་རྟོག་ལྷན་ཁང་གིས་ཝིས་པོ་དྲ་ཚིགས་བརྒྱུད་དེ་གནས་ཚུལ་སྤེལ་བའི་ནང་། ཚེས་༢༠ཉིན་ཁང་བ་འགྱེལ་བ་དང་འདམ་ཉོག་གིས་བསྣུབས་པའི་དོན་རྐྱེན་དེའི་ཐད་གྲོང་ཁྱེར་དེའི་ནང་གི་འཛུགས་བསྐྲུན་མ་རྩ་ཚད་ཡོད་ཀུང་སི་གཙོ་བོར་བྱེད་པའི་འཛུགས་བསྐྲུན་བཟོ་ལས་དེ་ཚོའི་ཁྲོད་དུ་འགན་ལེན་དང་མཉམ་ཞུགས་བྱེད་མཁན་སོགས་འབྲེལ་ཡོད་མི་གྲངས་༡༢འཛིན་བཟུང་བྱས་ཡོད་འདུག་ཅིག་གྱོད་དོན་རྟོག་ཞིབ་བྱེད་བཞིན་པ་རེད་ལ། ཡང་དེ་དང་མཉམ་དུ་ཧྲིན་ཀྲིན་གྲོང་ཁྱེར་གྱི་འཛུགས་བསྐྲུན་ལྷན་ཁང་གི་གཞུང་འབྲེལ་དཔོན་རིགས་ཞུ་ཡན་ཨཱན་ཞེས་པ་ཞིག་ཁང་བརྩེགས་ནས་མཚོངས་ཏེ་རང་ཤི་བརྒྱབ་ཡོད་པ་ཡང་ཁྱབ་བསྒྲགས་བྱེད་འདུག

དོན་རྐྱེན་འདིའི་ཁྲོད་མི་བདུན་ལྷག་གི་ཕུང་བོ་ད་ལྟ་མྱུར་སྐྱོབ་པས་ས་འོག་ནས་རྙེད་སོན་བྱུང་ཡོད་ཀྱང་མི་བདུན་བཅུ་ལྷག་ད་དུང་ཡང་རྙེད་སོན་བྱུང་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG