ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ།


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་ གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ་དང་འབྲེལ་མགོན་པོ་གང་ཉིད་ཀྱིས་གཙོ་བོ་མཆོག་སྤྲུལ་རིན་པོ་ཆེས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༢༠༡༢ལོ་ནས་ལམ་རིམ་གསུང་ཆོས་དབུ་འཛུགས་མཛད་ནས་གསུང་ཆོས་ཐེངས་བཞི་ལེགས་གྲུབ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བརྩལ་བ་དང་དེའི་རྗེས་སུ་ཉིན་གཉིས་རིང་བཀའ་དམ་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བརྩལ་རྒྱུ་ཡིན་པ་རེད།

XS
SM
MD
LG