ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༢༠༡༥་ལོར་རྒྱ་ནག་ལ་ཆོས་རང་དབང་སྡུག་ཏུ་སོང་བ།


༢༠༡༥་ལོར་རྒྱ་ནག་ལ་ཆོས་དད་རང་དབང་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། ལྷག་པར་དུ་བོད་དང་ཤར་ཏུར་ཀི་སི་ཐན་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་བཟུང་། ༢༠༡༤་ལོ་དེ་ཆོས་དད་རང་དབང་ལ་རྒྱ་གཞུང་གིས་རྡུང་རྡེག་ཤུགས་ཆེ་ཤོས་བཏང་བའི་ལོ་ཞིག་ལ་ངོས་འཛིན་བྱས་མོད། འོན་ཀྱང་ད་ལྟ་རྒྱ་ནག་ཕྱི་ནང་གཉིས་སུ་ཉམས་ཞིབ་པ་དང་མི་མང་མང་པོས་༢༠༡༥་དེ་རྒྱ་ནག་གི་ཆོས་དད་རང་དབང་གི་གནས་སྟངས་༢༠༡༤་ལས་ཀྱང་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པའི་ལོ་ཞིག་ཡིན་ཞེས་སྡོམ་རྒྱག་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡི་ཤུའི་ལྷ་ཁང་ཁག་གཏོར་བཤིག་བཏང་ཡོད་པ་དང། ཡེ་ཤུའི་ལྷ་ཁང་སྟེང་གི་རྒྱང་ཤིང་རྣམས་མེད་པར་བཏང་བའི་གནས་ཚུལ་གང་མང་བྱུང་ཡོད་ཅིང་། དེ་བཞིན་བོད་དང་ཡུ་གུར་པའི་ཆོས་དད་རང་དབང་ལའང་རྒྱ་ནག་གཞུང་གིས་དམ་དྲག་དང་ཚོད་འཛིན་ནན་པོ་བྱས་ཡོད་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG