ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་ཞིབ་འཇུག་པ་ཚོས་སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་ཡིག་ཆ་ཁག་ཅིག་རྙེད་ཡོད་པ་དང་། ཡིག་ཆ་དེར་ཁ་ཆེ་སྐྱེས་པ་ཞིག་གི་ཆུང་མ་ནད་པ་ཞིག་སྐྱོབ་ཐབས་སུ་དྲག་སྤྱོད་པ་དེ་དག་གིས་འཛིན་བཟུང་བྱས་པའི་མི་གསོན་པ་ཞིག་གི་གློ་སྙིང་མཁལ་མཆིན་བཀོག་སྟེ། བཙོན་པ་དེའི་གློ་སྙིང་མཁལ་མཆིན་ཅི་ཞིག་དགོས་པ་རྣམས་ཁ་ཆེ་སྐྱེས་པ་དེའི་ཆུང་མར་སྦྱར་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། གོང་གི་གནས་ཚུལ་དེ་༢༠༡༥་ལོའི་ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་བྱུང་རུང་། ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་ལ་ལོ་འདིའི་ཕྱི་ཟླ་༥་ནང་དུ་སི་རི་ཡའི་ཤར་ཕྱོགས་སུ་ཡིག་ཆ་དེ་དག་རྙེད་ཡོད་པ་དང་། ཡིག་ཆ་དེ་དག་གི་གྲས་སུ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་མི་གསོན་པོའི་གློ་སྙིང་མཁལ་མཆིན་བཀོག་ནས་ནག་ཚོང་རྒྱག་གི་ཡོད་སྲིད་པ་དོགས་པ་ཡོད་རུང་། རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་རྙེད་པའི་ཡིག་ཆ་དེ་དག་ཁུངས་ལྡན་ཡིན་མིན་ངེས་བརྟན་བྱ་ཐུབ་ཀྱི་མེད་པ་རེད།

XS
SM
MD
LG