ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་རོབ་གྲོས་ཚོགས་ཀྱིས་བོད་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད།


ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་བའི་ཐད་ ཡུ་རོབ་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ལ་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་འགྱུར་གྱི་ཐོག་ནས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཏེ་ རེས་གཟའ་ཕུར་བུའི་ཉིན་གཏན་འབེབས་གནང་ཡོད་ཅིང་ སྙན་ཐོ་དེའི་ནང་ བོད་དང་ ཤར་ཏུར་ཀི་སི་ཏན་ དེ་བཞིན་ རྒྱ་ནག་བཅས་ཀྱི་ནང་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་ སྙན་ཐོ་དེ་ནི་ ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་དང་ དེའི་ནང་ བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་རྐྱེན་གྱིས་ བོད་མིས་རང་ལུས་མེར་སྲེག་བཏང་བའི་ལམ་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཇེ་མང་དུ་ཕྱིན་པ་དང་ རང་ལུས་མེར་སྲེག་གཏོང་མཁན་རྣམས་དང་འབྲེལ་བ་ཡོད་པའི་མི་རྣམས་ལ་ཉེས་ཆད་གཏོང་རྒྱུར་དམིགས་ཏེ་ ཉེ་ཆར་རྒྱ་ནག་གཞུང་གིས་ རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་གྱི་རིགས་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ལ་བརྩི་རྒྱུའི་ཁྲིམས་གཞི་བཟོས་པ་བཅས་ཀྱི་ཐད་ བློ་འཚབ་ཆེན་པོ་ཡོད་ལུགས་བརྗོད་ཡོད་པ་རེད།

XS
SM
MD
LG