ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་དྲ་རྒྱའི་བདག་དབང་སྐོར་གྱི་འཛམ་གླིང་གི་ཚོགས་ཆེན་ཞིག་གོ་སྒྲིག་བྱས་ཡོད་པ་དེའི་ཐོག་ལ་གཏམ་བཤད་བྱེད་མཁན་གཙོ་བོ་ནི་སྲིད་འཛིན་ཞི་ཅིང་ཕིང་ཡིན་པ་དང་ ཁོང་གིས་རྒྱལ་ཁབ་སུ་ཡིན་ནའང་ཚང་མར་དྲ་རྒྱར་འཛིན་སྐྱོང་བྱེད་ཕྱོགས་ཀྱི་འདེམས་ཀ་ཡོད་དགོས་པ་དང་སྲིད་གཞུང་སོ་སོའི་འདེམས་ཀ་ལ་རྒྱལ་ཁབ་ཚང་མས་ཕན་ཚུན་བརྩི་བཀུར་དགོས་པ་སོགས་རྒྱ་ནག་གཞུང་གི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། དབྱེ་ཞིབ་པ་ཚོས་སྲིད་འཛིན་ཞི་ཅིང་ཕིང་གིས་དྲ་རྒྱའི་ཐད་ལ་དབུས་གཞུང་གིས་དབང་ཆ་གཅིག་སྡུད་ཀྱི་དོ་དམ་བྱེད་བཞིན་པ་ཁག་དེ་བས་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་དང་རྒྱ་ནག་ནི་དྲ་རྒྱ་སྤྱོད་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་འཛམ་གླིང་གི་དྲ་རྒྱའི་གནད་དོན་ཐད་སྐད་ཆ་ཤོད་དབང་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་སོང་ཞེས་གསུང་གི་ཡོད་པ་རེད།

XS
SM
MD
LG