ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་མེ་ཤུགས་འཕུར་མདའ་འཁྱེར་པའི་དེང་རབས་ཅན་གྱི་དམག་གྲུ་གཉིས་དང་མེ་ཤུགས་འཕུར་མདའ་༡༢༠༠་ལྷག སྐམ་མཚོ་གཉིས་སུ་བསྐྱོད་པའི་ལྕགས་འཁྲབ་འཁོར་༣༦་བཅས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་༡་དང་དུང་ཕྱུར་༨་ལྷག་གིས་མཚོན་ཆ་བཙོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱིས་དུས་ཡུན་ཉི་མ་༣༠་ཐམ་པའི་ནང་ཚུད་དུ་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་དེར་བསྐྱར་ཞིབ་བྱ་དགོས་པ་དང་། སྲིད་འཛིན་མ་དབྱིན་ཇུཀ་གིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོངས་པར་བཀའ་དྲིན་ཆེ་ཞེས་ཞུས་པ་མ་ཟད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་ཐག་གཅོད་དེར་དགའ་བསུ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་པ་དང་། ཐེ་ཝན་གྱི་ཁ་གཏད་ཚོགས་པ་མིན་ཅིན་ཏང་གིས་ཨ་མི་རི་ཀ་ནས་མཚོན་ཆ་ཉོ་སྒྲུབ་བྱ་རྒྱུ་དེར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་ཡོད་པ་རེད།