ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨོ་སི་ཊེ་ལི་ཡས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མཚོ་འགྲུལ་རང་དབང་སྲུང་སྐྱོང་།


ཨོ་སི་ཊེ་ལི་ཡེའི་མཁའ་དམག་གནམ་གྲུས་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་ མཚོ་འགྲུལ་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་དེ་ ཁུལ་དེའི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ཡོད་པ་ དབྱིན་ཇིའི་བྷི་བྷི་སཱི་གསར་འགྱུར་ལས་ཁང་གིས་ཤེས་རྟོགས་བྱུང་ཡོད་པ་རེད་ ཁ་སྔོན་ཕྱི་ཟླ་བཅུ་གཅིག་པའི་ནང་ ཨ་མི་རི་ཀའི་༼B-52 bombers༽ རྟགས་ཅན་གྱི་དམག་དོན་གནམ་གྲུས་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཕུར་བསྐྱོད་བྱས་པར་ རྒྱ་ནག་གིས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱས་ཡོད་པ་དང་ འོན་ཀྱང་ ཨ་མི་རི་ཀས་རང་ལ་མཚོ་ཁུལ་དེའི་མཁའ་དབྱིངས་སུ་འཕུར་བསྐྱོད་ཆོག་པའི་ཐོབ་ཐང་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་རེད་ དེ་རྗེས་ཉེ་ཆར་རང་ དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་བསྐྱོད་པའི་བྷི་བྷི་སཱི་གསར་ཁང་གི་གསར་འགོད་པ་ཚོ་ཁག་ཅིག་གིས་ གནམ་གྲུའི་ནང་རླུང་འཕྲིན་ཉན་པའི་སྐབས་གནས་ཚུལ་ཅིག་གོ་ཐོས་བྱུང་ཡོད་པར་གཞིགས་ན་ ཨཽ་སི་ཊེ་ལི་ཡེའི་མཁའ་དམག་གི་གནམ་གྲུས་ཀྱང་དེ་མཚུངས་ མཁའ་འགྲུལ་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཀྱི་ཡོད་པའི་རྣམ་པ་བསྟན་རྒྱུར་དམིགས་ཏེ་ ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་འཕུར་བསྐྱོད་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་ཡོད་པ་རེད།

XS
SM
MD
LG