ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྡི་ལིར་རང་ལུས་མེར་སྲེག་སྐོར་གྱི་གློག་བརྙན་འགྲེམས་སྟོན།


༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་༢༦་འཁོར་པའི་དུས་དྲན་དང་བསྟུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་བོད་ཕྱི་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོར་རྗེས་དྲན་ཆེད་དུ་གློག་བརྙན་གྱི་ལམ་ནས་འགྲེམས་སྟོན་ཞིག་དབུ་འཛུགས་གནང་ཡོད་ཅིང་། གློག་བརྙན་བཟོ་མཁན་དང་འགྲེམས་སྟོན་གནང་མཁན་བསྟན་འཛིན་བསོད་ནམས་ལགས་དང་རི་ཊུ་ས་རིན་ལགས་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་ཁག་རྒྱལ་སྤྱིས་ཤེས་རྟོགས་ཆེད་དུ་ཡིན་ཞེས་གསུངས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG