ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་ལ་ཡེ་ཤུའི་ཆོས་ཁང་སྒོ་བརྒྱབ་པ།


རྒྱ་ནག་ལ་གཞུང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་ཁང་ཁག་སྒོ་བརྒྱབ་པའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་དང་། གཟའ་འཁོར་འདིར་གོང་ཀྲའོ་ཞིང་ཆེན་གྱི་ཀུད་ཡང་གྲོང་ཁྱེར་དུ་གཞུང་ལ་ཐོ་འགོད་མ་བྱས་པའི་ཡེ་ཤུའི་ཆོས་ཁང་ཆེ་ཤོས་ཤིག་སྒོ་བརྒྱབ་དགོས་པའི་བཀའ་ཁྱབ་བཏང་ཡོད་པས། རྒྱ་ནག་གཞུང་གིས་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་མུ་མཐུད་དུ་བཞིན་ཡོད་ཅིང་། སྐྱོན་བརྗོད་པ་ཚོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ཚོ་ནི་ཡེ་ཤུའི་ཆོས་དད་པ་ཇེ་མང་དུ་འགྲོ་བཞིན་པ་དེས་དམར་ཤོག་གཞུང་གི་སྟོབས་ཤུགས་ལ་ཁ་གཏད་ཆགས་སྲིད་པའི་བློ་འཚབ་ཡོད་པའི་རྐྱེན་གྱིས་རེད་ཅེས་གསུང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG