ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་ཕྱིར་བསྐྱོད་ལག་དེབ་སེར་པོ་ལག་བྲིས་ཡིན་པ་འཁྱེར་མཁན་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ།


བཙན་བྱོལ་བོད་མིའི་ཕྱིར་བསྐྱོད་ལག་དེབ་སེར་པོ་ ལག་བྲིས་ཡིན་པ་དེ་ འཕྲུལ་ཆས་ཀྱི་ཐོག་ནས་ཀློག་ཐུབ་པ་ཞིག་ལ་བརྗེ་དགོས་ཀྱི་ཡོད་པ་དང་ གལ་ཏེ་དེ་ལྟར་མ་བྱས་ཚེ་ རྒྱལ་ཁབ་གཞན་ལ་བསྐྱོད་པའི་སྐབས་གནམ་ཐང་དུ་དཀའ་ངལ་འཕྲད་པའི་གནས་ཚུལ་ཡོང་གི་ཡོད་འདུག དེ་འདྲ་སོང་ཙང་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཉེ་ཆར་གསལ་བསྒྲགས་ཤིག་སྤེལ་ཏེ་ ཕྱིར་བསྐྱོད་ལག་དེབ་སེར་པོ་རྙིང་པ་ལག་བྲིས་ཡིན་པ་རྣམས་ ངེས་པར་དུ་སྐུ་ཚབ་དོན་གཅོད་ཁང་ལ་འབྲེལ་བ་བྱས་ཏེ་ ལག་དེབ་བརྗེ་དགོས་པའི་ལམ་སྟོན་གནང་ཡོད་པ་སོགས་ཀྱི་སྐོར་ འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG