ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དབྱིན་དམག་གིས་ཁ་ཆེ་རྒྱལ་ཁམས་ལ་གཏོར་རྒོལ།


དེ་རིང་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱས་ཏེ། ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ཀྱི་སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ལ་འཐབ་རྒོལ་བྱེད་པའི་དམག་འཁྲུག་ལ་དབྱིན་ཇི་མཉམ་ཞུགས་བྱས་ཡོད་ཅིང་། ཕྱི་ཟླ་༡༢་ཚེས་༢་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཁེམ་རུན་གྱིས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱ་དགོས་ཞེས་གྲོས་གཞི་བཏོན་པ་དེར་འཐུས་མི་༣༩༧་གྱིས་རྒྱབ་སྐྱོར་དང་འཐུས་མི་༢༢༣་གྱིས་མོས་མཐུན་མེད་པའི་འོས་ཤོག་འཕངས་ཏེ། མཐར་དབྱིན་ཇི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་པའི་དམག་འཁྲུག་ལ་མཉམ་ཞུགས་བྱ་རྒྱུའི་ཐག་བཅད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG