ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤིང་ཅང་གི་ནང་རང་དབང་ཅན་གྱི་སྒྲིག་འཛུགས་ཀྱིས་ཞིབ་དཔྱོད་བྱེད་དགོས་པ།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ནང་ འདི་ལོའི་ཕྱི་ཟླ་དགུ་པར་ རྡོ་སོལ་གྱི་གཏེར་ཁ་ཞིག་ལ་རྒོལ་བརྡུང་བཏང་བའི་དོན་རྐྱེན་ཞིག་བྱུང་བའི་རྗེས་སུ་ རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་ ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྡོད་ཁྱིམ་ཁག་ལ་གློ་བུར་རྒོལ་མཆོངས་བྱས་ཏེ་ མི་གང་བྱུང་འཛིན་བཟུང་བྱས་པ་མ་ཟད་ གཏེར་ཁ་ལ་རྒོལ་བརྡུང་གཏོང་མཁན་གྲས་རེད་ཟེར་བའི་མི་གྲངས་༢༨བསད་པའི་གནས་ཚུལ་བྱུང་ཡོད་པ་དེའི་ཐད་ རང་དབང་ཅན་གྱི་མི་སྣས་ཞིབ་དཔྱོད་བྱེད་དགོས་པ་ཡིན་ཞེས་ རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྗོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG