ཕྷ་རན་སིའི་སྲིད་འཛིན་སྐུ་ཞབས་ཨོ་ལཱནྜ་མཆོག་གིས་ཁ་ཆེའི་རྒྱལ་ཁམས་ཟེར་བའི་མཐར་ལྷུང་དྲག་སྤྱོད་པ་ཚོར་ཁ་གཏད་འཐབ་རྩོད་བྱེད་ཕྱོགས་ཀྱི་ཐོག་ཨ་མི་རི་ཀས་རྒྱབ་སྐྱོར་དང་མཉམ་འབྲེལ་བྱེད་དགོས་པའི་སྐོར་ལ་གྲོས་གནང་རྒྱུར་ཁ་ས་གཟའ་མིག་དམར་གྱི་ཉིན་འདི་ག་རྒྱལ་ས་ཝཱ་ཤིང་ཀྲན་ལ་ཕེབས་ཏེ་སྲིད་འཛིན་ཨོ་བྷཱ་མ་མཆོག་དང་ལྷན་དུ་གྲོས་མོལ་གནང་ཡོད་ཅིང་། སྲིད་འཛིན་ཨོ་ལཱནྜ་མཆོག་དབྱིན་ཡུལ་ལ་ཡང་ཕེབས་ཏེ་དབྱིན་ཇིའི་སྲིད་བློན་མཆོག་དང་ལྷན་དུ་བཀའ་གྲོས་གནང་ཡོད་པ་དང་། སྲིད་འཛིན་ཨོ་ལཱནྜ་མཆོག་གིས་ར་ཤི་ཡ་དང་། རྒྱ་ནག། ཇར་མ་ནི། ཨི་ཀྲི་ལི་བཅས་ཀྱི་དབུ་འཁྲིད་ཚོ་དང་ལྷན་དུ་བཀའ་གྲོས་གནང་རྒྱུར་རྒྱལ་ཁབ་དེ་དག་ལ་ཡང་ཕེབས་འཆར་ཡོད་པ་སོཌ་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིཌ་ཀྱིས་སྙན་སྒྲོན་གནང་གི་རེད།