ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིས་ཁ་ཆེ་འཇིགས་སྐུལ་རུ་ཚོགས་ཀྱི་དཔལ་འབྱོར་ཡོངས་ཁུངས་ཀྱི་རིགས་ལ་རྒོལ་རྡུང་གཏོང་ཤུགས་ཆེ་རུ་བཏང་པ།


ཟླ་བ་སྔོན་མ་ནས་བཟུང་ཨ་མི་རི་ཀས་སི་རི་ཡའི་ནང་ཁ་ཆེའི་རྒྱལ་ཁབ་ཟེར་བའི་འཇིགས་སྐུལ་རུ་ཚོགས་ཀྱི་སྣུམ་མཛོད་སོགས་དཔལ་འབྱོར་ཡོངས་ཁུངས་ཀྱི་རིགས་ལ་རྒོལ་རྡུང་གཏོང་ཤུགས་ཆེ་རུ་བཏང་པ་བརྟེན་ནག་ཚོང་ཁྲོམ་རའི་ནང་རྡོ་སྣུམ་ལ་བརྟེན་པའི་ཡོངས་ཁུངས་གསུམ་ཆ་གཅིག་ཉུང་དུ་སོང་བ་ཚོད་དཔག་བྱས་ཡོད་པ་རེད། ཟླ་བ་སྔོན་མ་ནས་བཟུང་གཙོ་བོ་རྡོ་སྣུམ་གྱི་མཛོད་དང་རྡོ་སྣུམ་འདྲེན་རྒྱུའི་སྦུབ་མདོང་ལ་དམིགས་ཏེ་རྒོལ་རྡུང་གཏོང་སྟངས་སྐོར། གནས་ཚུལ་ཐོན་འདུག་པས། དམིགས་འབེན་བྱེད་ཡུལ་ཤེས་རྟོགས་ཡོང་ཆེད། འཇིགས་སྐུལ་རུ་ཚོགས་དེའི་དངུལ་ཁང་གི་ཡིག་ཆ་ཁག་ལ་གཞི་བཅོལ་ཏེ་དངུལ་གྱི་ཡོངས་འབབ་ཆེན་པོ་ཡོངས་སའི་རྡོ་སྣུམ་གྱི་མཛོད་དང་། རྡོ་སྣུམ་འདྲེན་པའི་སྦུབ་མདོང་ཁག་འཚོལ་གྱི་ཡོད་རེད་ཅེས་ཨ་རིའི་གཞུང་གི་ལས་བྱེད་ཟུར་པ་ཞིག་གིས་བཤད་འདུག ཁ་ཆེའི་རྒྱལ་ཁབ་ཟེར་བའི་རུ་ཚོགས་ལ་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ནང་འབྲེལ་བ་གཙོ་ཆེ་རྣམས་མེད་པ་བཟོས་ཟིན་པ་དང་། འབྲེལ་བ་ལྷག་མ་གང་ཡོད་པ་རྣམས་བཙལ་ཏེ་དཔལ་འབྱོར་གྱི་ནུས་པ་མེད་པ་བཟོ་རྒྱུ་ཡིན་ཞིང་། རུ་ཚོགས་སྡེ་དེར་ཕྱི་ནང་གཉིས་ནས་དངུལ་གྱི་ཡོངས་ཁུངས་ངོས་བཟུང་ཏེ་ཨ་མི་རི་ཀའི་གཞུང་གིས་ནག་ཚོང་ཁྲོམ་རའི་ནང་། ཁོང་ཚོའི་དངུལ་འཁོར་རྒྱུག་ཇི་ལྟར་བྱེད་ཀྱི་ཡོད་པ་རོབ་ཙམ་ཤེས་རྟོགས་ཡོད་པ་དེར་རྒྱུས་མངའ་ཡོད་མཁན་ཚོས་བཤད་ཡོད་པ་རེད།

XS
SM
MD
LG