ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་མི་རི་ཀའི་སི་རི་ཡར་དམག་གཏོང་འཆར་ཡོད་པ།


སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་ཡོད་པའི་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་འཛམ་གླིང་ཡུལ་གྲུ་གང་སར་གཏོར་རྒོལ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ཧྥ་རི་སིའི་རྒྱལ་ས་ཕེ་རི་སི་དང་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུཏ། ཨི་ཇེབ་དང་ཐུ་ཎི་ཤི་ཡ་སོགས་ལ་གཏོར་རྒོལ་བྱས་པ་མ་ཟད། ཉེ་ཆར་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་དུའང་འབར་མདེལ་སྦས་གཅོག་བྱས་ནས་མི་༢༠༠་ལྷག་བསད་པ་དང་། ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་ཁྱབ་བསྒྲགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། ཁོ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ཎིའུ་ཡོཀ་གྲོང་ཁྱེར་གཉིས་ལའང་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་བརྙན་འཕྲིན་འཁོར་ཐག་བཀྲམ་ནས་སྡིགས་ར་བསྐུལ་ཏེ། ཨ་མི་རི་ཀའི་གྲོས་ཚོགས་སུ་སི་རི་ཡར་རྐང་དམག་བཏང་ནས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོ་རྩ་མེད་གཏོང་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG